全部选择
反选
反选将当前选中的变为不选,未选的全部变为选中。
华北
华东
华中
华南
东北
西北
西南
其他
取消
确定
招标专区
项目专区
数据市场
营销分析
增值服务
企业服务

日喀则市行政审批和便民服务局2024-08-30-搬迁公告

所属地区:西藏 - 日喀则 发布日期:2024-08-30
所属地区:西藏 - 日喀则 招标业主:登录查看 信息类型:审批项目
更新时间:2024/08/30 招标代理:登录查看 截止时间:登录查看
咨询该项目请拨打:187-8889-8240
(略)民、游客朋友:
为进一步改善办理边境通行证服务环境,更好满足广大人民群众办证需求,不断提升政务服务水平,经日(略)人民政府同意,我市桑(略)边境通行证办证窗口拟于近日整体搬迁。现将有关事项公告如下:
一、搬迁时间
我市桑(略))办理,或就近(略)办证点办理。
二、新址和办证时间
9月10日起,新办证场所(日喀则边境管理支队办证大厅)正式启用,我市桑(略))将停止边境通行证业务办理。
三、温馨提示
(一)(略)民、(略)站下车,到达日喀则边境管理支队办证大厅。自驾朋友可导航至“日喀则边境管理支队办证大厅”或“(略)”。
(二)近期新址附近道理正在改造,请(略)民、游客朋友按照交通引导指示绕道行驶。
(三)咨询电话。(略)(略)(略)(略)
因搬迁带来的不便,敬请(略)民、游客朋友谅解,并请相互转告。感谢您的理解与配合。
特此公告。
(略)行政审批和便民服务局日喀则边境管理支队
2024年8月30日
གནས་སྤོའི་སྤྱི་བསྒྲགས།

རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་གྲོགས་པོ་རྣམས་ལ།
སྔར་ལས་ལྷག་པའི་སྒོ་ནས་མཐའ་མཚམས་ལམ་ཡིག་གཉེར་བའི་ཞབས་ཞུའི་ཁོར་ཡུག་ལེགས་བཅོས་བྱ་རྒྱུ་དང་།རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལག་ཁྱེར་གཉེར་བའི་དགོས་མཁོ་དེ་བས་ལེགས་པ་སྐོང་བ།སྲིད་དོན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་ཆེད།གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མོས་མཐུན་བྱས་པ་བརྒྱུད་རང་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་ཆུས་མཐའ་མཚམས་ལམ་ཡིག་གཉེར་ཡུལ་སྒེའུ་ཁུང་ཆ་ཚང་ཉེ་ཆར་གནས་སྤོ་བྱ་རྒྱུ་ཡིན།ད་ལྟ་འབྲེལ་ཡོད་གནས་ཚུལ་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིགགནས་སྤོ་བྱེད་པའི་དུས་ཚོད།
རང་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་ཆུས་མཐའ་མཚམས་ལམ་ཡིག་གཉེར་ཡུལ་སྒེའུ་ཁུང་རྣམས་2024ལོའི་ཟླ་9ཚེས་9ཉིན་གནས་སྤོ་བྱ་རྒྱུ་ཡིན།གཞིས་ཀ་རྩེ་གྲོང་ཁྱེར་སྲིད་འཛིན་ཞབས་ཞུ་ལྟེ་གནས་མཐའ་མཚམས་ལམ་ཡིག་གཉེར་ཡུལ་སྒེའུ་ཁུང་ལས་སྒོ་མཚམས་འཇོག་བྱེད་རྒྱུ་ཡིན།རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་གྲོགས་པོ་རྣམས་མཐའ་མཚམས་འགྲོ་བསྐྱོད་ལག་ཁྱེར་གཉེར་དགོས་ཚེ་གངས་ལྗོངས་ཇོ་མོ་གླང་མ་བུད་མེད་ལག་ཁྱེར་གཉེར་ཁང་(གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བཀྲ་བདེ་ནུབ་ལམ་སྒོ་རྟགས་ཨང་7པར་)གཉེར་གནང་དགོས།ཡང་ན་རང་གྲོང་ཁྱེར་དང་ཉེ་བའི་རྫོང་ཁག་གི་ལས་གཉེར་ཁང་དུ་ལག་ཁྱེར་གཉེར་གནང་རོགས།
གཉིས།ལས་གཉེར་བྱ་ཡུལ་གསར་པ་དང་ལས་གཉེར་དུས་ཚོད།
ཟླ་9ཚེས་10ཉིན་ནས་བཟུང་ལས་གཉེར་བྱ་ཡུལ་གསར་པ་(གཞིས་ཀ་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ལས་གཉེར་ཚོམས་ཆེན)ལས་སྒོ་དངོས་སུ་གཉེར་རྒྱུ་ཡིན།རང་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་ཆུས་མཐའ་མཚམས་ལམ་ཡིག་གཉེར་བའི་ལས་སྒོ་གཅིག་གྱུར་ཐོག་ས་ཡུལ་གསར་པར་ལས་གཉེར་བྱེད་རྒྱུ་ཡིན།ལས་གཉེར་བྱ་ཡུལ་གསར་པ།གཞིས་ཀ་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ལས་གཉེར་ཚོམས་ཆེན་(ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་བློ་གསར་ཐོན་ལས་གླིང་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ལྟེ་གནས།བསམ་གྲུབ་རྩེ་ཆུས་བསམ་འདུན་སྐོར་ལམ་དང་རིག་དར་ལམ་ལམ་མདོ་ཁ་)རུ་ཡོད།ལས་གཉེར་དུས་ཚོད།སྔ་དྲོ་09:45-12:45བར་དང་ཕྱི་དྲོ་15:30-18:30བར་ཡིན།དེ་སྔའི་ལས་གཉེར་བྱ་ཡུལ་(གཞིས་ཀ་རྩེ་གྲོང་ཁྱེར་སྲིད་འཛིན་ཞབས་ཞུ་ལྟེ་གནས་མཐའ་མཚམས་ལག་ཁྱེར་གཉེར་སའི་སྒེའུ་ཁུང་དང་གངས་ལྗོངས་ཇོ་མོ་གླང་མ་བུད་མེད་ལག་ཁྱེར་གཉེར་ཁང་)གཉིས་མཐའ་མཚམས་ལག་ཁྱེར་ལས་སྒོ་གཉེར་མཚམས་འཇོག་རྒྱུ་ཡིན།
གསུམ།མཛའ་བརྩེའི་དྲན་སྐུལ།
(གཅིག)རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་གྲོགས་པོ་རྣམ་པ་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་30པར་བསྡད་ནས་རིག་གནས་བློ་གསར་གླིང་ཁུལ་གྱི་ཡུལ་སྐོར་བའི་ཞབས་ཞུ་གཉེར་སའི་ལྟེ་གནས་ས་ཚིགས་སུ་རླངས་འཁོར་ལས་འབབ་ན་གཞིས་ཀ་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ལས་གཉེར་ཚོམས་ཆེན་དུ་འབྱོར་གྱི་ཡོད།སྒེར་འཁོར་བཏང་ནས་ཡོང་མཁན་གྱི་གྲོགས་པོ་ཚོས་གཞིས་ཀ་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ལས་གཉེར་ཚོམས་ཆེན་ནམ་ཡང་ན་ཇོ་མོ་གླང་མ་རིག་གནས་ཡུལ་སྐོར་བློ་གསར་ཐོན་ལས་གླིང་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཞེས་ཕྱོགས་སྟོན་མཉེན་ཆས་ལ་བརྟེན་ནས་བསྐྱོད་གནང་དགོས།
(གཉིས།)ཉེ་དུས་ལག་ཁྱེར་གཉེར་ཡུལ་གསར་པར་འགྲོ་ལམ་བཟོ་བཅོས་བྱེད་པའི་སྒང་ཡིན་པས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་གྲོགས་པོ་རྣམ་པས་འགྲིམ་འགྲུལ་ཁྲིད་སྟོན་གྱི་མཛུབ་སྟོན་ལྟར་ལམ་སྐོར་ནས་བསྐྱོད་རོགས་གནང་།
(གསུམ།)བློ་འདྲིའི་ཁ་པར།(略)དང་(略)
(略)(略)
གནས་སྤོ་བྱས་པའི་རྐྱེན་གྱིས་སྟབས་མི་བདེ་བ་བྱུང་བར་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བ་གྲོགས་པོ་ཚོས་བསམ་ཤེས་གནང་རོགས་ཞུ་རྒྱུ་མ་ཟད་ཕན་ཚུན་བརྡ་སྤྲོད་གནང་རོགས་ཞུ་རྒྱུ་ཡིན།སྐུ་ཉིད་ནས་བསམ་ཤེས་དང་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཆེད་དུ་སྤྱི་བསྒྲགས་སྤེལ།

གཞིས་ཀ་རྩེ་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་བདེ་ཞབས་ཞུ་ཅུད།
གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་
2024ལོའི་ཟླ་8ཚེས་30ཉིན།

热点推荐 热门招标 热门关注